kunjor16@gmail.com

ལེགས་བཤད་ལྗོན་པའི་དབང་པོ།

༄༅། །སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་པའི་དབང་པོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། བླ་མ་མཆོག་དང་དབྱེར་མེད་པའི། །འཇམ་དཔལ་དབྱངས་ལ་གུས་བཏུད་ནས། །ཐོན་མིའི་ལེགས་བཤད་སུམ་ཅུ་པའི། །སྙིང་པོ་མདོར་བསྡུས་བཤད་པར་བྱ། །དབྱངས་ཀྱི་བྱ་བ་གསལ་པོ་རུ། །བྱེད་པ་ཨི་ཨུ་ཨེ་ཨོ་བཞི། །གསལ་བྱེད་ཀ་སོགས་སུམ་ཅུ་ཡིན། །ག་ང་ད་ན་བ་མ་འ། །ར་ལ་ས་རྣམས་རྗེས་འཇུག་བཅུ། །ད་དང་ས་གཉིས་ཡང་འཇུག་སྟེ། །ད་ནི་ན་ར་ལ་གསུམ་དང་། །ས་ནི་ག་ང་བ་མར་འཐོབ། །ག་ད་བ་མ་འ་སྔོན་འཇུག །གོ་ངོ་དོ་ནོ་བོ་མོ་འོ། །རོ་ལོ་སོ་ཏོ་སླར་བསྡུ་སྟེ། །རྫོགས་ཚིག་ཟླ་སྡུད་ཅེས་ཀྱང་བྱ། །དྲག་ཡོད་ཏོ་དང་མཐའ་མེད་འོ། །གཞན་རྣམས་མིང་མཐའི་རྗེས་མཐུན་སྦྱར། །སུ་ར་རུ་དུ་ན་ལ་ཏུ། །ལ་དོན་རྣམ་པ་བདུན་ཡིན་ཏེ། །རྣམ་དབྱེ་གཉིས་བཞི་བདུན་པ་དང་། དེ་ཉིད་ཚེ་སྐབས་རྣམས་ལ་འཇུག །ས་སུ་ག་བ་དྲག་མཐར་ཏུ། །ང་ད་ན་མ་ར་ལ་དུ། །འ་དང་མཐའ་མེད་ར་དང་རུ། །གི་ཀྱི་གྱི་འི་ཡི་ལྔ་པོ། །རྣམ་དབྱེ་དྲུག་པ་འབྲེལ་སྒྲ་དང་། །དེ་རྣམས་ས་མཐའ་ཅན་ལྔ་ནི། །རྣམ་དབྱེ་གསུམ་པ་བྱེད་སྒྲ་སྟེ། །སྦྱོར་ཚུལ་ན་མ་ར་ལ་གྱི། །ད་བ་ས་ཀྱི་ག་ང་གི །འ་དང་མཐའ་མེད་འི་དང་ཡི། །ཀྱང་ཡང་འང་གསུམ་རྒྱན་སྡུད་དེ། །ག་ད་བ་ས་དྲག་མཐར་ཀྱང་། །ང་ན་མ་ར་ལ་མཐར་ཡང་། །འ་དང་མཐའ་མེད་འང་དང་ཡང་། །ཏེ་དེ་སྟེ་གསུམ་ལྷག་བཅས་ཏེ། །ན་ར་ལ་ས་དྲག་མཐར་ཏེ། །ད་དེ་ག་ང་བ་མ་འ། །མཐའ་མེད་རྣམས་ལ་ས་སྟེ་འཐོབ། །གམ་ངམ་དམ་ནམ་བམ་མམ་འམ། །རམ་ལམ་སམ་ཏམ་འབྱེད་སྡུད་དེ། །སྦྱོར་ཚུལ་སླར་བསྡུའི་སྐབས་དང་མཚུངས། །ར་རུ་འི་ཡི་འང་ཡང་རྣམས། །རྐང་པ་མི་སྐོང་སྐོང་བའི་ཁྱད། །འོ་འུ་འམ་གྱི་གོང་དུ་ཚེག །མེད་དང་ཡོད་པའང་དེ་བཞིན་ཡིན། །ནས་ལས་འབྱུང་ཁུངས་དགར་སྡུད་དེ། །འབྱུང་ཁུངས་དངོས་ལ་གང་སྦྱར་འཐུས། །རིགས་མཐུན་དགར་ནས་མི་མཐུན་ལས། །སྡུད་ལ་ནས་སྒྲ་ཁོ་ན་འཇུག །ཀྱེ་དང་ཀྭ་ཡེ་བོད་སྒྲ་སྟེ། […]

ལེགས་བཤད་ལྗོན་པའི་དབང་པོ། Read More »

5 Prefix

 སྔོན་འཇུག་ལྔ།  5 Prefix སྔོན་འཇུག  means prefix  ག་ ད་ བ་ མ་ འ།  this five alphabet are prefix.  ག་ད་བ་མ་འ་སྔོན་འཇུག  You should learn this sentence by heart, so that you won’t forget and it’s easy to remember the 5 prefix. 

5 Prefix Read More »

གསལ་བྱེད་སུམ་ཅུ། 30 Consonants    ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ།  

Read More »

རྗེས་འཇུག་བཅུ། 10 Suffix རྗེས་འཇུག (Jejug) means Suffix There are 10 suffix in Tibetan which are:  ག་ ང་ ད་ ན་ བ་ མ་ འ་ ར་ ལ་ ས།  Sentence to learn by heart: ག་ང་ད་ན་བ་མ་འ། །ར་ལ་ས་རྣམས་རྗེས་འཇུག་བཅུ། ། 

Read More »

གསལ་བྱེད་སུམ་ཅུ། 30 Consonants    ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ།  

Read More »

དབྱངས་བཞི། 4 vowels དབྱངས it sounds Yang དབྱངས།  means Vowel.  There are four vowels in tibetan, which are written below: ཨི་ ཨུ་ ཨེ་ ཨོ།  Sentence to learn by heart:  དབྱངས་ཀྱི་བྱ་བ་གསལ་པོ་རུ། །བྱེད་པ་ཨི་ཨུ་ཨེ་ཨོ་བཞི། ། 

Read More »

Scroll to Top